འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་15ཉིན།

༄༅།།རྒྱ་མཚོའི་གཏིང་ནས་འདི་དག་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་14ཉིན། 16:00】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་13ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཧའེ་ནན་ཆུང་ཧའེ་དུ“གནའ་རྫས་དཔྱད་ཞིབ་ཀྲུང་གོའི”ལས་གཞི་གནད་ཆེན་གྱི་འཕེལ་རིམ་གལ་ཆེན་ལས་དོན་ཚོགས་འདུ་འཚོགས་ཤིང་། ལྷོ་རྒྱ་མཚོའི་ནུབ་བྱང་སྐམ་སའི་རི་ལྡེབས་ཀྱི་གྲུ་གཟིངས་རྡིབ་པའི་གནའ་ཤུལ་ཨང་དང་པོ་དང་ཨང་གཉིས་པའི་གནའ་རྫས་དཔྱད་ཞིབ་ཀྱི་གྲུབ་འབྲས་གསར་པ་བརྡ་ཁྱབ་བཏང་བ་རེད།

    རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོའི་ཟླ་5པ་ནས་2024ལོའི་ཟླ་6པའི་བར། རྒྱལ་ཁབ་རིག་དངོས་ཅུས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་ཚན་རིག་ཁང་མཚོ་གཏིང་ཚན་རིག་དང་ལས་གྲྭ་ཞིབ་འཇུག་སུའོ། ཀྲུང་གོ(ཧའེ་ནན)ལྷོ་རྒྱ་མཚོའི་རྟེན་རྫས་བཤམས་མཛོད་ཁང་གིས“མཚོ་གཏིང་དཔའ་བོ་”རྟགས་ཅན་གྱི་མི་བཞུགས་ཆུ་འཛུལ་ཡོ་བྱད་སྤྱད་དེ་ལྷོ་རྒྱ་མཚོའི་ནུབ་བྱང་སྐམ་སའི་ངོགས་ཀྱི་གྲུ་གཟིངས་ཨང་དང་པོ་དང་གཉིས་པར་མཉམ་དུ་དུས་མཚམས་གསུམ་གྱི་ཆུ་འོག་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱས་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་རྒྱ་མཚོའི་ནུབ་བྱང་སྐམ་སའི་ངོགས་ཀྱི་གྲུ་གཟིངས་ཨང་དང་པོ་དང་གཉིས་པ་ནི་2022ལོའི་ཟླ་10པར་ཤེས་རྟོགས་བྱུང་བ་དང་། ཧའེ་ནན་གླིང་ཕྲན་དང་ཞི་ཧྲ་གླིང་ཚོམ་བར་གྱི་ལྷོ་རྒྱ་མཚོའི་མཚོ་འོག་ཏུ་གནས་པ་དང་། གནའ་ཤུལ་གྱི་ཆུའི་གཏིང་ཚད་སྨི་1500ཙམ་ཡོད་པ་དང་། གྲུ་གཟིངས་དེ་གཉིས་ཀྱི་ལོ་རབས་ནི་མིང་རྒྱལ་རབས་ཀྱི་ཀྲེང་ཏེ་དང་ཧུང་ཀྲི་ཁྲི་ལོ་རུ་གཏོགས་པ་རེད།

   ད་ཐེངས་ཀྱི་བརྟག་དཔྱད་བྱེད་རིང་། ཆུ་རྫ་ཆས་དང་། དཀར་ཆས། མ་བཅོས་ཤིང་ཆ་སོགས་རིག་དངོས་ཆ་ཚང་928བླངས་པ་དང་། དཀར་ཆས་ཁག་གཅིག་གི་ཞབས་ལ་རྒྱ་ཡིག་“福” “正”“太平”“吴文自造”སོགས་ཀྱི་ཡི་གེ་ཡོད་པ་རེད།