གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་14ཉིན། 15:51】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་13ཉིན་དབྱི་སི་རལ་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེའི་ཕྱི་དྲོར་བྱང་རྒྱུད་དུ་མེ་ཤུགས་འཕུར་མདའ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱུང་ནས་མེ་སྐྱོན་ཁག་15ཐོན་ཡོད་པ་རེད། གསར་འགོད་པའི་ལག་ཐོགས་ཁ་པར་ནང་སྒྲིག་སྦྱོར་བྱས་པའི་སྔོན་ཚུད་ཉེན་བརྡའི་མ་ལག་ལས་མངོན་པར། དབྱི་སི་རལ་བྱང་རྒྱུད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་དུས་ཡུན་ཐུང་ངུའི་ནང་མཁའ་ཟོན་ཉེན་བརྡ་ཡང་ཡང་གྲགས་པ་རེད།