གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 06ཚེས་14ཉིན། 15:16】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་12ཉིན། ཨ་རིའི་སྤྱི་དམངས་རང་དབང་མནའ་འབྲེལ་(ACLU)གྱིས་པའེ་ཏེང་སྲིད་གཞུང་ལ་ཞུ་གཏུག་བརྒྱབ་ནས། པའེ་ཏེང་གིས་དེའི་གོང་ལ་ཁྱབ་བསྒྲགས་བྱས་པའི་ཁྲིམས་འགལ་གནས་སྤོས་ཡུལ་མིའི་འགེབས་སྲུང་འཚོལ་རྒྱུར་ཚོད་འཛིན་བྱེད་པའི་སྲིད་འཛིན་བཀའ་རྒྱར་ངོ་རྒོལ་བྱས་པ་རེད། སྲིད་འཛིན་བཀའ་རྒྱ་དེའི་ནང་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་ཀྱི་རྒྱལ་མཚམས་ནང་འཛུལ་བའི་འགག་སྒོར་ཉིན་བདུན་ནང་ཉིན་རེར་ཆ་སྙོམས་རྒྱལ་མཚམས་ལས་སྒྲོལ་བའི་མི་གྲངས་2500ཟིན་ཚེ། ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་ཀྱི་ཁྲིམས་འགལ་གནས་སྤོས་ཡུལ་མིའི་འགེབས་སྲུང་ཞུ་རེ་སྒོ་རྒྱག་རྒྱུ་མ་ཟད། རྒྱལ་མཚམས་འགག་སྒོ་ནས་རྒྱལ་མཚམས་བརྒལ་བའི་ཕྱི་རྒྱལ་གྱི་སྤྱི་དམངས་མགྱོགས་མྱུར་མཐར་སྐྲོད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
གཟའ་འཁོར་སྔོན་མར་བྱེད་ཐབས་འདི་ཁྱབ་བསྒྲགས་བྱས་ནས་ཡུན་རིང་མ་སོང་བར། སྤྱི་དམངས་རང་དབང་མནའ་འབྲེལ་གྱིས་སྲིད་གཞུང་ལ་ཁྲིམས་སྦྱོར་བྱ་རྒྱུའི་ཐ་ཚིག་བསྒྲགས། ཚེས་12ཉིན། རྩ་འཛུགས་འདིས་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་དུ་གཏུག་བཤེར་བྱས། སྤྱི་དམངས་རང་དབང་མནའ་འབྲེལ་གྱིས་གཏུག་བཤེར་ཡིག་ཆའི་ནང་གཏན་འབེབས་གསར་པ་དེ་ཨ་རིའི་གནས་སྤོས་ཡུལ་མིའི་བཅའ་ཁྲིམས་དང་སྲིད་གཞུང་གིས་སྲིད་ཇུས་ཁག་གཅིག་ལག་བསྟར་བྱེད་སྐབས་ངེས་པར་དུ་གོ་རིམ་བརྩི་སྲུང་ཞུ་དགོས་པའི་གཏན་འབེབས་བྱས་པའི་《སྲིད་འཛིན་གོ་རིམ་བཅའ་ཁྲིམས་》ལས་འགལ་ཡོད་ཅེས་བསྟན་ཡོད།