འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་24ཉིན།

༄༅།།བོད་ལྗོངས་མཚོ་སྨད། རླུང་འོད་ལ་བརྟེན་ནས་ལྗོངས་མདོག་གི་འཕེལ་རྒྱས་ལམ་དུ་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་14ཉིན། 12:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མཚོ་སྨད་ནི་ཧི་མ་ལ་ཡའི་བྱང་འདབས་སུ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས“ཆུ་དྭངས་རི་གཙང་ནི་གསེར་རི་དངུལ་རི་དང་། གངས་འཁྱགས་ས་གཞི་ནི་གསེར་རི་དང་དངུལ་རི་ཡིན”པའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བསྟར་ནས། ས་གནས་དེ་གའི་“ཡུལ་ལྗོངས་”ཐོན་ཁུངས་གསར་སྤེལ་ཤུགས་ཆེན་བྱས་ཏེ་གངས་ཁུལ་ས་མཐོར་མཚོ་སྨད་ཀྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བྲིས་ཡོད།

རླུང་གློག་གིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

   འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རླུང་ཤུགས་གློག་ར་སྟེ་གྲི་གུའི་རླུང་ཤུགས་གློག་ར་ནི་མཚོ་སྨད་རྫོང་གྲི་གུའི་རྩྭ་ཐང་གི་གཏིང་དུ་གནས་པ་དང་། རླུང་ཤུགས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ནས་5200བར་བཙུགས་པ་དང་། བསྡོམས་འབོར་གློག་ཤུགས་ཀྲའོ་ཝ་72.6ཡོད་ལ་རླུང་ཤུགས་གློག་ཤུགས་25བཀོད་སྒྲིག་བྱས་ཡོད། དེ་ནི་བོད་ཀྱི་ས་བབ་མཐོ་བའི་རླུང་ཤུགས་གསར་སྤེལ་ལག་རྩལ་ཞིབ་འཇུག་དང་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་ཡིན་ལ། ས་གནས་དེ་གའི་གློག་དྲ་གཙོ་བོར་ཟླ་སྒྲིལ་བྱས་པའི་རླུང་ཤུགས་གློག་ཤུགས་རྣམ་གྲངས་ཐོག་མ་དེ་ཡིན།

    གྲི་གུའི་རླུང་ཤུགས་གློག་ཁང་ནི་ཀྲུང་གོའི་འབྲི་ཆུའི་འགག་གསུམ་ཚོགས་པས་མ་འཇོག་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཤིག་རེད། བཟོ་སྐྲུན་ལེགས་གྲུབ་དང་ཐོན་སྐྱེད་བྱེད་འགོ་ཚུགས་ཟིན་པའི་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་ལས་གྲྭའི་བསྡོམས་འབོར་སྒྲིག་སྦྱོར་འཕྲུལ་འཁོར་ཀྲའོ་ཝ་72.6ཟིན་ཡོད། དེའི་ནང་དུས་ཐེངས་དང་པོའི་ལས་གྲྭའི་སྒྲིག་སྦྱོར་འཕྲུལ་འཁོར་ཤོང་ཚད་ཀྲའོ་ཝ་22དང་། དུས་ཐེངས་གཉིས་པའི་ལས་གྲྭའི་སྒྲིག་སྦྱོར་འཕྲུལ་འཁོར་ཤོང་ཚད་ཀྲའོ་ཝ་50.6ཡིན་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོའི་ཟླ་དཀྱིལ་བར། རིམ་རྩིས་བྱས་ན་དུས་ཐེངས་དང་པོ་དང་དུས་ཐེངས་གཉིས་པའི་དྲ་ཞུགས་གློག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་2.14ལས་བརྒལ་ནས། ལོ་ལྟར་གློག་ནུས་གཙང་མ་ཆན་ཝ་ཆུ་ཚོད་དུང་ཕྱུར་2ལས་བརྒལ་ཐུབ་པས། ཉེ་འཁོར་གྱི་ཁྱིམ་ཚང་ཁྲི་14ཙམ་གྱི་ལོ་གཅིག་གི་གློག་ཚད་སྐོང་ཐུབ་ལ་ཚད་ལྡན་རྡོ་སོལ་ཏུན་ཁྲི་6ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་པ་དེ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་16ཙམ་ཉུང་དུ་ཕྱིན་པ་དང་མཚུངས་ཀྱི་ཡོད་པ་རེད།

    བོད་ལྗོངས་མཚོ་སྨད་གྲི་གུའི་རླུང་ཤུགས་གློག་ཁང་གི་འགན་འཁུར་བ་ཝང་དབྱང་གིས“རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་རྗེས་སྒྲིག་ཆས་བོགས་མར་གཏོང་ལེན་དང་། ས་ཆ་འཁོར་སྒྱུར། ལས་ཞུགས་བསྡུ་ལེན་སོགས་ཀྱི་བྱ་ཐབས་བརྒྱུད་མཐའ་འཁོར་མང་ཚོགས་ལ་ཐད་ཀར་ཁེ་ཕན་སྒོར་ཁྲི་1000ལྷག་ཙམ་ཐོབ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    མིག་སྔར། མཚོ་སྨད་གྲི་གུའི་རླུང་ཤུགས་གློག་ཁང་གི་ལས་མི་12ཡོད་པ་དང་། རླུང་ཤུགས་གློག་ཁང་གི་སྤྱི་ཁྱབ་ཚོད་འཛིན་ཁང་གིས་ཆུ་ཚོད་24ཡི་ལས་རེས་བྱེད་ཀྱི་ཡོད་པ་རེད། “རླུང་ཤུགས་གློག་འདོན་འཕྲུལ་ཚན་གྱི་གྲངས་གཞི་དུས་ཐོག་ཏུ་ལྟེ་གནས་ཚོད་འཛིན་ཁང་དུ་བརྒྱུད་གཏོང་བྱེད་ཀྱི་ཡོད། ང་ཚོས་གཞི་གྲངས་དེ་དག་བརྒྱུད་རླུང་ཤུགས་གློག་འདོན་བཟོ་གྲྭའི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད” ས་གནས་ས་ཐོག་གི་ལས་དོན་མི་སྣས་“གནོན་ཤུགས་འཕར་བའི་ས་ཚིགས་ནང་གི་སྒྲིག་ཆས་ལ་ཉིན་ལྟར་སྐོར་ཞིབ་ཐེངས་གཉིས་བྱེད་ཀྱི་ཡོད། རྒྱུན་གཏན་གྱི་སྐོར་ཞིབ་དེ་དག་བརྒྱུད་མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་ཐུབ་ནས་སྔ་ཙམ་ཤེས་རྟོགས་དང་ཐག་གཅོད་ཐུབ་ནས་རླུང་ཤུགས་གློག་འདོན་བཟོ་གྲྭའི་བདེ་འཇགས་འཁོར་སྐྱོད་འགན་ལེན་བྱེད་ཐུབ”ཅེས་བཤད།

   མིག་སྔར། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། གློག་ཤུགས་སྒྲིག་སྦྱོར་ཤོང་ཚད་ཁྲོད་ནུས་རྒྱུ་གཙང་མའི་བསྡུར་ཚད་90%ལས་བརྒལ་ཡོད། མཚོ་སྨད་རླུང་ཤུགས་གློག་གཏོང་གཞི་ཁྱོན་ཅན་དུ་འགྱུར་བ་དང་བསྟུན་ནས་ནུས་རྒྱུའི་གྲུབ་ཆའི་ནང་གི་ནུས་རྒྱུ་གཙང་མའི་བསྡུར་ཚད་མང་དུ་ཕྱིན་པ་དང་། སྲོལ་རྒྱུན་གྱི་འགྱུར་རྡོའི་ནུས་རྒྱུའི་བརྟེན་ཚད་ཆུང་དུ་ཕྱིན་པ། ཁོར་ཡུག་སྦགས་བཙོག་ཉུང་དུ་ཕྱིན་པ་མ་ཟད། ས་གནས་དེ་གའི་མི་སེར་རྣམས་ལ་སྤུས་ཚད་མཐོ་བའི་གློག་སྤྱོད་དགོས་མཁོ་ཡང་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

   ངོ་སྤྲོད་བྱས་པར་གཞིགས་ན། གྲི་གུའི་རླུང་གློག་དུས་ཐེངས་གསུམ་པའི་ལས་གྲྭ་ཡང་འཆར་འགོད་རིགས་པས་ཁུངས་སྐྱེལ་བྱེད་བཞིན་ཡོད་པ་དང། ་ཇུས་འགོད་བྱས་པའི་གློག་འདོན་འཕྲུལ་འཁོར་ཤོང་ཚད་ཀྲའོ་ཝ་300ཡོད་པ་རེད། འབྱུང་འགྱུར་འབྲི་ཆུའི་འགག་གསུམ་ཚོགས་པས་མཚོ་སྨད་རྫོང་དུ་ཆན་ཝ་ཁྲི་བརྒྱ་རིམ་པའི་ནུས་རྒྱུ་གཙང་མ་རྟེན་གཞི་བསྐྲུན་རྒྱུ་ཡིན་པ་རེད།

འོད་ཤུགས་གློག་གི“འོད་པའི”ལྗང་མདོག་འཕེལ་རྒྱས་གཏོང་བ།

   མཚོ་སྨད་རྫོང་དུ་ལོ་གཅིག་གི་དུས་བཞིའི་ནང་ཉི་འོད་ཆེ་བ་དང་། ཆར་ཆུ་ཉུང་བ། ཐལ་དྲག་པའི་གནམ་གཤིས་ཧ་ཅང་མང་བ། སྔོ་ཁེབས་སྐྱེ་འཚར་དཀའ་བ། སྣོད་བཅུད་ཁོར་ཡུག་ཉམས་ཞན་ཆེ། རྫོང་དང་ཐག་རིང་པོ་མེད་པའི་ཆན་ཝོལ་110ཞེ་ཧོ་མཚོ་སྨད་རྫོང་གི་ཀྲའོ་ཝ་20(MW)དྲ་སྦྲེལ་འོད་ཤུགས་གློག་ཁང་དུ་སླེབས་དུས་གསར་འགོད་པའི་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། རི་ལྡེབས་གང་སར་འོད་ཤུགས་གློག་གཏོང་པང་ལེབ་གྲལ་སྟར་གཅིག་གྱུར་ཞིག་བསྐྲུན་ཡོད་པ་དང་། གློག་པང་འོག་ཏུ་རྩྭ་ཤིང་མང་པོ་སྐྱེས་ཡོད།

   “ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ་བ་དང་ཉིན་མོ་ཚ་ཚད་བསྡུ་ལེན་བྱེད་པའི་འོད་ཤུགས་གློག་འདོན་པང་ལེབ་དགོང་མོར་མགྱོགས་མྱུར་དྲོད་ཚད་ཆག་ནས། མཁའ་རླུང་ཁྲོད་ཀྱི་ཆུ་འོད་ཤུགས་ཐོག་ཏུ་ཆགས་ནས་འོད་ཤུགས་པང་ལེབ་དེད་དེ་ས་སྟེང་དུ་བཞུར་ནས་འོག་གི་རྩི་ཤིང་སྐྱེ་འཚར་གྱི་ཆ་རྐྱེན་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་2023ལོའི་ཟླ་11པ་ནས་ཟླ་12པའི་བར། ཆུ་ཚོད་ཝ་ཁྲི་1200གློག་གཏོང་ཐུབ་པ་དེ་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་6ཙམ་ཉུང་དུ་འགྲོ་ཐུབ་པ་དང་མཚུངས་ཀྱི་ཡོད་པ་རེད། འོད་ཤུགས་གློག་གཏོང་རྣམ་གྲངས་འཛུགས་སྐྲུན་གྱིས་ས་གནས་དེ་གའི་ས་ཆའི་ཐོན་ཁུངས་ནུས་ལྡན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ནུས་པ་བཟང་པོ་ཐོན་གྱི་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་མཚོ་སྨད་ཞའེ་རེ་ཀྲའོ་ཝ་30(MW)འགན་སྲུང་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་གཏོང་རྣམ་གྲངས་ན་ནིང་ཟླ་11པའི་ཟླ་མཇུག་ཏུ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། “རྣམ་གྲངས་དེ་ནི་འབྲོག་འོད་གསབ་རེས་ཀྱི་འོད་ཤུགས་གློག་ཁང་གི་འོད་ཤུགས་གློག་གཏོང་བ་ཞིག་ཡིན་པ་དང་། ལོ་རེར་ཆ་སྙོམས་དྲ་ཞུགས་གློག་ཚད་ཀྲའོ་ཝ་ཆུ་ཚོད་58352.57(MWh)དང་ནུས་མཚུངས་ཐེག་ཚད་ཆུ་ཚོད་1809ཡོད་པ་དང་། མཚོ་སྨད་རྫོང་གི་རྒྱུན་གཏན་དང་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་གྱི་གློག་གི་དགོས་མཁོ་འགན་ལེན་ཐུབ་རྒྱུ་རེད”ཅེས་བཤད།

   “ཡུལ་ལྗོངས་སྔོ་པོ”ཡིས་“སྣོད་བཅུད་སྔོ་པོ”ལ་ནུས་པ་ཐོན་བཞིན་ཡོད། མཚོ་སྨད་རྫོང་གིས་རླུང་ཤུགས་དང་འོད་ཤུགས་གློག་གཏོང་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས་མཚོ་སྨད་རྫོང་གི་ལྗང་མདོག་དཔལ་འབྱོར་གྱིས་བཟུང་བའི་བསྡུར་ཚད་དང་དཔལ་འབྱོར་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། བོད་ལྗོངས་ཀྱི་མཚོ་སྨད་དེ་རང་རྒྱལ་གྱི་ནུས་རྒྱུ་གཙང་མ་མཐོ་ས་གཞན་ཞིག་ཏུ་རིམ་བཞིན་གྱུར་ནས། བོད་ལྗོངས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མཚོ་སྨད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།