འཚོལ་བཤེར།   
藏文频道
2024ལོའི་ཟླ་6ཚེས་7ཉིན།

༄༅།།མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་གྱི་ཆུ་སྤུས་ལེགས་པ་དང་སྐྱེ་ཁམས་ཁོར་ཡུག་ སྤྱིར་ན་བརྟན་པོ་ཡོད་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 06ཚེས་07ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ལས་མངོན་པར། མཚོ་སྔོན་ཞིང་ཆེན་ས་ཁོངས་ཀྱི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་གཞུང་ཨ་མའི་རྒྱུག་ཁུལ་གྱི་ཆུ་སྤུས་རིགས་IIཟིན་ནས་ཆུ་སྤུས་ལེགས་པ་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྤྱིར་ན་བརྟན་པོ་ཡོད་པ་རེད།
    མཚོ་སྔོན་ཞིང་ཆེན་ལ“གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། གཙང་གསུམ་ཆུ་འགོའི་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། དེ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ས་རེད།
    སྤྱི་བསྒྲགས་ལས་མངོན་པར། གཙང་གསུམ་ཆུ་འགོའི་ཁུལ་དང་། མཚོ་སྔོན་པོ་རྒྱུག་ཁུལ། མདོ་ལ་རིང་མོ་སོགས་སྐྱེ་ཁམས་ཁུལ་གཙོ་བོའི་སྐྱེ་ཁམས་མ་ལག་གི་རྣམ་པ་དང་སྐྱེ་ཁམས་སྤུས་ཚད་རྒྱུན་འཁྱོངས་བརྟན་པོ་ཐུབ་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྤུས་ཚད་ཀྱི་རིགས་དེ“རིགས་གཉིས་པར”གཙོ་བོར་བྱས་ནས་སྐྱེ་ཁམས་སྤུས་ཚད་ཀྱི་འགྱུར་ལྡོག་གཞི་རྩའི་ཆར་བརྟན་པོ་ཡོད་པ་རེད།
    མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ལིའུ་ཅན་ཡུས་ཀྱིས་ངོ་སྤྲོད་བྱས་པར། 2023ལོར་མཚོ་སྔོན་ཞིང་ཆེན་གྱི་ས་ངོས་ཆུའི་ཆུ་སྤུས་སྤྱི་ཡོངས་ནས་ཡག་པོ་ཡོད་པ་དང་། གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོ་དང་ས་འོག་ཆུའི་ཆུ་སྤུས་རྒྱུན་འཁྱོངས་བརྟན་པོ་ཐུབ་པ་དང་། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་96.6%ཟིན་པ། སྒྲའི་ཁོར་ཡུག་སྤུས་ཚད་དང་འགྱེད་འཕྲོའི་ཁོར་ཡུག་སྤུས་ཚད་སྤྱིར་ན་ཡག་པོ་ཡོད་པ། སྐྱེ་ཁམས་ཁོར་ཡུག་སྤྱི་ཡོངས་ནས་བརྟན་པོ་ཡོད་པ། སྦགས་བཙོག་གཙོ་བོའི་བསྡོམས་འབོར་ཐད་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་གྱི་བཙོག་འབུད་དམིགས་ཚད་ཀྱི་ལས་འགན་ལེགས་སྒྲུབ་བྱུང་སྟེ་ལོར་ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ཚབས་ཆེན་དང་དེ་ཡན་གང་ཡང་ཐོན་མེད།