འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་23ཉིན།

༄༅།།ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་ངེས་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་22ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་2024ལོའི་ཟླ་5ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་སྐབས། ཐའེ་ཝན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ནན་པོ་གསལ་བཤད་གནང་བ་རེད།
   ཝང་དབྱི་ཡིས། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ཁེ་ཕན་ལྟེ་བའི་ཁྲོད་ཀྱི་སྲོག་ཤིང་ཡིན་པ་དང་། “ཐའེ་ཝན་རང་བཙན་”གྱི་ཁ་འཕྲལ་བྱེད་སྤྱོད་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེའི་གཏོར་བཤིག་རང་བཞིན་གྱི་རྒྱུ་རྐྱེན་ཆེ་ཤོས་ཤིག་རེད། མི་རིགས་དང་མེས་པོར་རྒྱབ་གཏོད་བྱེད་མཁན་ལའེ་ཆིང་ཏེའི་གྲས་ཀྱི་སྤྱོད་ཚུལ་སྐྱུག་བྲོ་པོ་ནི་ངོ་ཚ་ཁྲེལ་བྲལ་རེད། ཁོང་ཚོས་ཅི་ལྟར་འཁྱོག་བཤད་བྱས་ཀྱང་ཀྲུང་གོ་མཐར་མར་ཡོངས་སུ་གཅིག་གྱུར་ཡོང་བར་བཀག་འགོག་བྱེད་མི་ཐུབ་པས། ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་ངེས་རེད། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་བ་ཚང་མ་ལོ་རྒྱུས་ཀྱི་ངོ་ཚའི་ཟིན་ཐོར་འགོད་ངེས་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་ནས་འགོ་བཙུགས་ཏེ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་གཞིགས་ནས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་ཞུས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་“ཐའེ་ཝན་རང་བཙན་”གྱི་ཁ་འཕྲལ་བྱེད་སྤྱོད་ལ་ངོ་རྒོལ་དང་རྒྱལ་ཁབ་གཅིག་གྱུར་བརྩོན་ལེན་བྱེད་པའི་དྲང་བདེན་བྱ་གཞག་ལ་ཚང་མས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུར་ཡིད་ཆེས་ཡོད་ལུགས་བསྟན་པ་རེད།