འཚོལ་བཤེར།   
藏文频道
2024ལོའི་ཟླ་5ཚེས་18ཉིན།

༄༅།།བོད་ལྗོངས་མེ་ཏོག་གི་“ཇ་ལོ་”ཕྱུག་འགྱུར་“གསེར་གྱི་ལོ་མར་”གྱུར་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 05ཚེས་17ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ལྗོངས་མེ་ཏོག་གི་“ཇ་ལོ་”ཕྱུག་འགྱུར་“གསེར་གྱི་ལོ་མར་”གྱུར་འདུག
   བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཤར་སྣེའི་ལྷོ་འདབས་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་གནས་པའི་དབང་གིས་ས་མཐོའི་ཇ་འདེབས་འཛུགས་ལ་འཕྲོད་པའི་གནམ་གཤིས་ལྡན། ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་“ཁེ་ལས་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད་”བཅས་ཀྱི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་དང་ཁྱབ་གདལ་ཧུར་ཐག་བཏང་ནས། ཞིང་ལས་དང་ཞིང་པའི་སྣེ་ཁྲིད་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་ཏེ། ཇའི་ཁེ་ལས་དང་ཇ་ལས་ཞིང་པའི་ཐོན་སྐྱེད་ཧུར་སེམས་ཕན་ནུས་ཐོན་པར་སྐུལ་སྤེལ་བཏང་ནས། ཇའི་ཐོན་ལས་སྤུས་ཚད་མཐོན་པོར་འཕེལ་རྒྱས་ཡོང་ཐབས་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་མེ་ཏོག་རྫོང་གི་ཇ་ལོ་འཐུ་ཚད་ལོ་རྒྱུས་ཐོག་ཚད་བརྒལ་བྱུང་ནས། རྒྱ་མ་ཁྲི་50.2ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་2800ཟིན་ཏེ། མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་512.6ཡོང་བའི་སྐུལ་ཁྲིད་བྱས་པ། ཇའི་ཐོན་ལས་དེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ནས་ཕྱུག་འགྱུར་ཡོང་བའི་གསེར་གྱི་ལོ་མ་ཞིག་ཏུ་གྱུར་ཡོད་པ་རེད། 
【1】  【2】  【3】
༄༅།།བོད་ལྗོངས་མེ་ཏོག་གི་“ཇ་ལོ་”ཕྱུག་འགྱུར་“གསེར་གྱི་ལོ་མར་”གྱུར་འདུག